|
National Center for Hydrology and Meteorology

འགན་དབང་།

རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་འདི་ ཆུ་དཔྱད་དང་ ཆུའི་འཐོན་ཁུངས་ གནམ་གཤིས་རིག་པ་དང་ འཁྱེག་ཁམས་ཚུ་  ཉེན་སྲུང་དང་ མི་སྡེ་དཔལ་འབྱོར་བདེ་ཐབས་དང་ རྒྱལ་ཁབ་ནང་འཁོད་དང་ རྒྱལ་སྤྱིའི་དགོས་མཁོ་ཚུའི་དོན་ལུ་ མཚན་རིག་དང་འཕྲུལ་རིག་གི་ཞབས་ཏོག་བྱིན་ནིའི་འགན་དབང་ཡོད།

གཞན་ཡང་འགན་དབང་ཚུ་གཤམ་གསལ་ལྟར་ཨིན།

༡༽ རྒྱལ་ཡོངས་ཆུ་དང་གནམ་གཤིས་འབྲེལ་བའི་ཞིབ་རྟོག་འབད་ནི་ལུ་ ལྟ་རྟོག་དང་གནས་སྡུད་བསྡུ་སྒྲིག་འབད་ནིགི་མཐུད་འབྲེལ་དང་བརྡ་དོན་ལམ་ལུགསཚུ་ འཆར་གཞི་བརྩམ་ནི་དང་ལག་ལེན་འཐབ་ནི།

༢༽ འཁྱེག་ཁམས་ཀྱི་གནས་ཐངས་ལེགས་བཅོས་འབད་ནིའི་ཐབས་ཤེས་ཚུ་བསྟར་སྤྱོད་འབད་ནིའི་དོན་ལུ་ འཁྱེག་ཁམས་དང་ དེ་དང་འབྲེལ་བའི་ཉེན་ཁའི་སྐོར་ ཞིབ་འཚོལ་དང་ལྟ་རྟོག་འབད་ནི།

༣༽ མི་མང་གནམ་གཤིས་ཞབས་ཏོག་དང་ གནམ་གཤིས་འཚུབས་ཅན་གྱི་ཉེན་བརྡ་ གནམ་གཤིས་རིག་པའི་གནས་སྡུད་འཛིན་སྐྱོང་ མཁའ་འགྲུལ་འབྲེལ་བའི་གནམ་གཤིས་ཞབས་ཏོག་ སོ་ནམ་དང་འབྲེལ་བའི་གནམ་གཤིས་རིག་པ་དང་ གནམ་གཤིས་འགྱུར་འགྲོས་ཀྱི་བརྡ་དོན་དང་ཞབས་ཏོག་ཚུ་ ཞིབ་འཚོལ་འབད་དེ་བྱིན་ནི།

༤༽ ཆུའི་འཐོན་གནས་བརྟག་ཞིབ་དང་ ཆུ་འབྲེལ་སྔོན་བཤད་ ཆུ་འབྲེལ་གནས་སྡུད་འཛིན་སྐྱོང་ ཆུ་འབྲེལ་གནས་སྡུད་དང་བརྡ་དོན་སྤྲོད་ནི་ ཆུ་རུད་དང་འཁྱེག་མཚོ་རྦེད་དེ་འཐོན་པའི་ཆུ་རུད་ཀྱི་ཉེན་བརྡ་བྱིན་ནི་ཞིབ་འཚོལ་དང་འགན་དབང་འབང་འབད་ནི།

༥༽ འབབ་རྒྱུན་གྱི་ས་གནས་དང་ ཆུ་གཞུང་ཚུ་ནང་ ཆུ་དཔྱད་དང་གནམ་གཤིས་ དེ་ལས་ འཁྱེག་མཚོ་རྦེད་དེ་འཐོན་པའི་ཆུ་རུད་རྐྱེན་ངན་གྱི་བརྟག་ཞིབ་དང་སབ་ཁྲ་བཟོ་ནི།

༦༽ སྦྱོང་བརྡར་དང་སློབ་སྦྱོང་གི་ཐོག་ལས་ མི་སྟོབས་གོང་འཕེལ་འབད་ནི།

༧༽ གནམ་གཤིས་རིག་པ་ལག་ལེན་འཐབ་ནི་དང་ ཆུ་དཔྱད་དང་འཁྱེག་ཁམས་གོང་འཕེལ་གྱི་ ཞབས་ཏོག་དང་ཐོན་དངོས་ཀྱི་དོན་ལུ་ མཚན་རིག་དང་འཕྲུལ་རིག་ཐོག་ལས་ལག་ལེན་འཐབ་ནི།

༨༽ རྒྱལ་ཡོངས་དང་ ལུང་ཕྱོགས་ དེ་ལས་རྒྱལ་སྤྱིའི་ལས་ཚོགས་ཚུ་དང་ གནས་གཤིས་དང་བསིལ་དྲོད་ ཆུ་དཔྱད་རིག་པ་དང་ འཁྱེག་ཁམས་ དེ་ལས་ཆུའི་འཐོན་ཁུངས་ཚུའི་ གནས་སྡུད་ ཞིབ་འཚོལ་དང་ འཕྲུལ་རིག་སྤོ་སོར་གྱི་བརྗེ་སོར་དོན་ལུ་ མཉམ་འབྲེལ་དང་གཙུག་སྡེའི་མཐུན་འབྲེལ་འབད་ཚུ་ཡར་དྲགས་གཏང་ནི།

 

ལས་འགན།

རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་གི་ལས་འགན་གཙོ་བོ་རང་།

༡༽ གནམ་གཤིས་ འཁྱེག་ཁམས་ ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཀྱི་ རྒྱལ་ཡོངས་བརྟག་ཞིབ་མཐུད་འབྲེལ་དང་ རྒྱུད་འབྲེལ་ཚད་གཞི་རིམ་ལུགས

 གཞི་བཙུགས་འབད་ནི་དང་ལག་ལེན་འཐབ་ནི།

༢༽ ཆུ་དང་གནམ་གཤིས་ དེ་ལས་འཁྱེག་ཁམས་དང་ མཐའ་འཁོར་གྱི་གནས་སྡུད་དང་བརྡ་དོན་གྱི་རྒྱལ་ཡོངས་ཀྱི་གནས་སྡུད་གཞི་མཛོད་ཚུ་རྒྱུན་སྐྱོང་འབད་ནི།

༣༽ མི་མང་གནམ་གཤིས་ཞབས་ཏོག་ བསིལ་དྲོད་ཞབས་ཏོག་ སོ་ནམ་དང་འབྲེལ་བའི་གནམ་གཤིས་རིག་པ་དང་ གནམ་གཤིས་ཀྱི་དམིགས་ཚད་ མཁའ་འགྲུལ་འབྲེལ་བའི་གནམ་གཤིས་ཞབས་ཏོག་དང་ ཆུ་འབྲེལ་སྔོན་བཤད་བྱིན་ནི་ དེ་ལས་ཆུའི་ཐོན་ཁུངས་བརྟག་ཞིབ་འབད་ནི་དང་ ཆུ་དཔྱད་དང་གནམ་གཤིས་དང་ འཁྱེག་མཚོ་རྦེད་དེ་ཐོན་པའི་ཆུ་རུད་ཀྱི་རྐྱེན་ངན་གྱི་བརྟག་ཞིབ་དང་ ཉེན་བརྡའི་ཞབས་ཏོག་ཚུ་ཧེ་མ་ལས་བྱིན་ནི།

༤༽ ཁཝ་དང་འཁྱེག་རོམ་ དེ་ལས་འཁྱེག་མཚོ་གི་ཞིབ་འཚོལ་འབད་ནི་དང་ འཁྱེག་ཁམས་ཀྱི་གནས་ཐངས་ལེགས་བཅོས་འབད་ནིའི་ཐབས་ཤེས་ཀྱི་དོན་ལུ་ དེ་དང་འབྲེལ་བའི་ཉེན་ཁ་ཚུའི་བརྟག་ཞིབ་འབད་ནི།

༥༽  འཁྱེག་ཁམས་དང་ གནམ་གཤིས་དང་བསིལ་དྲོད་ ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཀྱི་གོང་འཕེལ་དང་ཞིབ་འཚོལ་འབད་ནི།

༦༽ ཆུ་དཔྱད་དང་གནམ་གཤིས་དང་ འཁྱེག་ཁམས་ཞབས་ཏོག་ནང་ལུ་ མི་སྟོབས་གོང་འཕེལ་དང་ ཁྱད་རིག་གི་ལྕོགས་གྲུབ་གོང་འཕེལ་གཏང་ནི།

༧༽ ཆུ་དཔྱད་དང་གནམ་གཤིས་རིག་པའི་དོན་ལུ་ལག་ཆས་ཚུའི་ སྤུས་ཚད་ཡར་སེང་དང་ རྒྱ་སྐྱེད་གཏང་ནི་ དེ་ལས་ བརྟག་ཞིབ་དང་སྒྲ་བཟུང་གི་ཐབས་ཤེས་ཡར་དྲགས་གཏང་ནི་ རྒྱལ་ཡོངས་དང་ལུང་ཕྱོགས་ དེ་ལས་རྒྱལ་སྤྱིའི་གནས་ཚད་ཁར་ མཉམ་འབྲེལ་དང་མཐུན་ལམ་གཞི་བཙུགས་འབད་ནི།